༄༅། །འབྲུག་རྒྱལ་ཁབ་ཀྱི་ཆོས་འབྱུང་རྣམས་སུ་དགོན་ཨ་མོ་རི་མོའི་གདུང་རབས་ཞེས་བྱུང་བའི་གདུང་བརྒྱུད་ནི། རྒྱ་ནག་ཚངས་པ་ཆེན་པོའི་སྲས་མོ་ལྷ་གཅིག་ཀོང་ཇོ་ཁབ་ཏུ་བཞེས་པའི་མཆོད་གནས། ཇོ་བོ་རིན་པོ་ཆེ་གདན་འདྲེན་པའི་སྐུ་གཉེར་གཙང་མ་ལྷའི་རིགས་ལས་འཁྲུངས་པ་རྣམ་དཔྱོད་ཀྱི་མིག་སྟོང་མངའ་བ་ཞིག་བྱོན་པའི་གདུང་རབས་དྲི་མ་མེད་པ་གསེར་གྱི་ཕྲེང་བ་ལྟར་མཆེད་པ་ལས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཕྲིན་ལས་ཀྱི་ཁ་ལོ་བ་ཆེན་པོ་ལྡེ་མང་བཙན་མང་སོགས་ནས་རིམ་པར་བརྒྱུད་དེ་གྲུབ་ཐོབ་ཆེན་པོ་གཏེར་ཁུངས་པ་དང་། འབྲུག་གི་རྒྱལ་རབས་ནང་སྙན་གྲགས་ལྷག་པར་མཐོ་བའི་སྡེ་སྲིད་ཁྲི་རབས་དང་པ་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་དང་། བྱམས་མགོན་དངོས་སྣང་ངག་དབང་རྒྱལ་མཚན་སོགས་ནས་རིམ་པར་ད་ལྟ་ཞལ་བཞུགས་བྱམས་སྤྲུལ་རིན་པོ་ཆེ་ཆོས་རྗེ་སྐུ་ཕྲེང་དྲུག་པ་དཔལ་མི་ཕམ་ཆོས་ཀྱི་ཉིན་བྱེད་དང་། འབྲུག་གི་དམང་གཙོའི་རིང་ལུགས་ནང་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་པ་མི་རྗེ་བློན་པོ་རྣམ་རྒྱལ་དཔལ་འབྱོར་སོགས་ཡིན།